ラ翻訳師伝/རྭ་ལོའི་རྣམ་ཐར།
このページでは、ラ・イェシェー・センゲ(རྭ་ཡེ་ཤེས་སེང་གེ་)著『呪力自在者・尊者ラ翻訳師伝・広播妙鼓音(མཐུ་སྟོབས་དབང་ཕྱུག་རྗེ་བཙུན་རཱ་ལོ་ཙཱ་བའི་རྣམ་པར་ཐར་པ་ཀུན་ཁྱབ་སྙན་པའི་རྔ་སྒྲ་)』の電子化テキストをダウンロードすることができます。
提供される電子テキストのテキストコードはUnicodeです。閲覧にはUnicodeに対応したチベット文字フォントが必要です。
入力の底本は大谷大学真宗総合研究所西蔵文献研究班所蔵の木版本(ラサ:ཡབ་གཞིས་དགེ་ལེགས་བདེ་སྐྱིད་རབ་བརྟན་蔵版、1905年)です。利用の便を考えて、以下の諸本のページ番号を入れています。
- [1a]=底本
- [1]= 《རྭ་ལོ་ཙཱ་བའི་རྣམ་ཐར་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་, 1989.
このテキストは、小熊健一、林哲照、林龍太、日高俊、渡邊温子により入力・校正されました。
テキスト/Text
[1a] མཐུ་སྟོབས་དབང་ཕྱུག་རྗེ་བཙུན་རཱ་ལོ་ཙཱ་བའི་རྣམ་པར་ཐར་པ་ཀུན་ཁྱབ་སྙན་པའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ།།
[1b][1]ཨོཾ་སྭ་སྟི།
རབ་འབྱམས་ཞིང་གི་རྒྱལ་བ་ཀུན་གྱི་དངོས། །མ་ལུས་དཀྱིལ་འཁོར་འཁོར་ལོ་ཀུན་གྱི་གཙོ། །དངོས་གྲུབ་རྩ་བ་ཕན་བདེའི་འབྱུང་གནས་མཆོག །
དྲེན་ཅན་བླ་མ་མཆོག་ལ་སྙིང་ནས་འདུད། །ཁྱབ་བདག་དཔལ་ལྡན་རྡོ་རྗེ་[2a]སེམས་དཔའ་དང་། །དབྱེར་མེད་བླ་མ་སྐུ་བཞིའི་བདག་ཉིད་ཅན། །དངོས་གྲུབ་ཀུན་གྱི་འབྱུང་གནས་ཡིད་བཞིན་ནོར། །བསམ་འཕེལ་དབང་གི་རྒྱལ་པོ་རྣམས་ལ་འདུད། །དངོས་དང་བརྒྱུད་པའི་བླ་མ་མཆོག་རྣམས་ཀྱི། །དྲིན་ལས་འགྲོ་ཀུན་རྡོ་རྗེ་འཆང་དབང་གི །གོ་འཕང་ཐོབ་ཅིང་ཞི་རྒྱས་དབང་དྲག་གི །རབ་འབྱམས་ལས་ཀུན་ཐོགས་མེད་འགྲུབ་བྱིན་རློབས། །
[2b]མཐུ་སྟོབས་ཀྱི་མངའ་བདག་རྗེ་བཙུན་རྭ་ལོ་ཙཱ་ཆེན་པོའི་རྣམ་པར་ཐར་པ་ཀུན་ཁྱབ་སྙན་པའི་རྔ་སྒྲ་ཞེས་བྱ་བ། རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚོལ་ལོ། །………..
………..ཅེས་པ་འདི་ཡང་མདོ་ཁམས་ཡུལ་ཆེན་བཅོ་བརྒྱད་ཀྱི་ཆེ་དགུ་རྣམས་ཀྱི་བསྐུལ་བ་ལ་བརྟེན་ནས། རང་ཉིད་ཀྱང་མཆོག་ཏུ་མོས་པས་རྒྱུད་དྲངས་ཏེ་རྩ་བའི་བླ་མ་རྗེ་བཙུན་ཆོས་རབ་ཀྱིས་གསུངས་པ་ལས། ཇི་ལྟར་བྱུང་བ་[345]བཞིན་དུ་རང་བཟོས་མ་སྦག་པར། རྭའི་རིགས་སུ་སྐྱེས་པའི་བནྡེ་ཡེ་ཤེས་སེང་གེས་བཀོད་པ་འདིས་ཀྱང་། བསྟན་འགྲོའི་དོན་རྒྱ་ཆེར་འགྲུབ་པར་གྱུར་ཅིག །
༈རྣམ་དག་བསམ་པས་[151a]ཚུལ་འདིར་འབད་པ་ལས། །བྱུང་བའི་དགེ་བས་མཐའ་ཡས་འགྲོ་བ་ཀུན། །སྐྱེ་ཞིང་སྐྱེ་བར་རྭ་ཆེན་བླ་མ་ཡིས། །འབྲལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག །བསྟན་འཛིན་ཞབས་བརྟན་བསྟན་པ་དར་ཞིང་རྒྱས། །རྒྱལ་པོ་ཆོས་སྤྱོད་སྐྱེ་རྒུ་ཐམས་ཅད་ཀྱང་། །ཆོས་ལ་དད་ཅིང་བདེ་སྐྱིད་དང་ལྡན་པས། །ཕུན་སུམ་ཚོགས་པའི་དཔལ་ལ་རོལ་པར་ཤོག །ལྷག་བསམ་དག་པས་ཚུལ་འདིར་བརྩོན་པས་ན། །ཚངས་དང་དབང་པོས་འཇིག་རྟེན་སྐྱོང་བ་ལྟར། །དམག་ཟོར་ལྷ་མོ་ལ་སོགས་སྲུང་མས་ཀྱང་། །གཡེལ་བ་མེད་པ་རྟག་ཏུ་གྲོགས་བྱེད་ཤོག །
རྣམ་ཐར་འདི་ཉིད་སྔོན་ཆད་པར་དུ་མ་འཁོད་ཤིང་། བྲིས་དཔེའང་དཀོན་གཤིས་ད་ལམ་ ༧ རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཡབ་གཞིས་གླང་མདུན་པ་ནས་བསྟན་འགྲོར་ཕན་བདེའི་སླད་དུ་དད་གདུང་སྤྲོ་བ་ཆེན་པོས་མཚམས་སྦྱར་ཏེ་མཐུན་པའི་ཆ་རྐྱེན་སྤེལ་ཏེ་ཤིང་སྦྲུལ་ལོ་གསར་བསྐྲུན་ཐོག་པར་འདི་ཡབ་གཞིས་དགེ་ལེགས་བདེ་སྐྱིད་རབ་བརྟན་དུ་བཞུགས། །དགེ་ལེགས་འཕེལ། །
………..このテキストをダウンロードする