このページでは、ツァンニョン・ヘールカ(གཙང་སྨྱོན་ཧེ་རུ་ཀ་, 1452–1507)編『ミラレーパの十万歌(རྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ།)』の電子化テキストをダウンロードすることができます。

提供される電子テキストのテキストコードはUnicodeです。閲覧にはUnicodeに対応したチベット文字フォントが必要です。

入力の底本は大谷大学図書館に所蔵されている菊池法純氏寄贈の木版本(請求番号:Aa08006-344-03)です。この電子化テキストでは校訂をおこなっていませんが、利用の便を考えて、以下の諸本のページ番号を入れています。

  • [1b]=底本
  • [196]= 《མི་ལ་རས་པའི་རྣམ་མགུར་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་, 1981.

また底本となる木版本と《མི་ལ་རས་པའི་རྣམ་མགུར་》(མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་, 1981)の字句の相違点を、[ ]を用いて次のように示した。

  • འཆོང་ལུང་[མཆོང་ལུང་]ཁྱུང་གི་རྫོང་ན་:底本ではའཆོང་ལུང་となっている部分が《མི་ལ་རས་པའི་རྣམ་མགུར་》(མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་, 1981)ではམཆོང་ལུང་となっていることを示す。

2012/2


テキスト/Text

 [1b][196] [ མི་མ་ཡིན་གྱིས་མཐོ་འཚམས་པ་དམ་ལ་བཏགས་པའི་སྐོར་ལས་མི་ལ་ཤིང་ཐུན་གྱི་སྐོར།] ན་མོ་གུ་རུ། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་དེ་ཉིད། འཆོང་ལུང་[མཆོང་ལུང་]ཁྱུང་གི་རྫོང་ན་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞུགས་པའི་དུས། ནམ་ཞིག་གི་ཚེ། འཚོ་བའི་སྟ་གོན་ལ་བཞེངས་པས། ཕྱེ་ཚྭ་ཆུ་སྡོར་དག་ལྟ་ཅི་སྨོས་ཏེ། གོ་ཁ་ན་ཤིང་ཡང་མི་འདུག ཐབ་ཁ་ན་ཆུ་དང་མེ་ཡང་མི་འདུག་པས། ངའི་འདི་ཧ་ཅང་རང་ཡང་བློས་བཏང་དྲགས་འདུག་པས། ཤིང་ཞིག་འཐུ་རུ་འགྲོ་དགོས་དགོངས་ནས་བྱོན་ཏེ། ཤིང་ཐུ་བ་གང་ཙམ་རྙེད་པའི་ཚེ། རླུང་ཆེན་པོ་ཞིག་གློ་བུར་དུ་ལངས་ནས། རས་བཟུང་ཚེ་ཤིང་ཁྱེར། ཤིང་བཟུང་ཚེ་རས་ཁྱེར་བ་ལས། ཐུགས་དགོངས་ལ་ངས་[ང་]སྔར་རི་ཁྲོད་དུ་དེ་ཙམ་ཞིག་བསྡད་རུང་ད་དུང་བདག་འཛིན་བློས་མ་ཐོངས་པར་འདུག བདག་འཛིན་བློས་མ་ཐོངས་པའི་ཆོས་དང་སྒྲུབ་པས་ཅི་བྱེད་སྙམ། རས་དགའ་ན་རས་ཁྱེར་ཤིང་དགའ་ན་ཤིང་ཁྱེར་གསུང་[གསུངས།]གཉིས་ཀ་བློས་བཏང་སྟེ་བཞུགས་པས། [2a]འཚོ་བ་ངན་པའི་སྟོབས་ཀྱིས། བསེར་མའི་རྣམ་པས་ཡུག་གཅིག་[ཅིག་]ཐུགས་དྲན་མེད་དུ་ཐིམ་པ་ལས་བཞེངས་པའི་ཚེ། རླུང་ཞི་བ་དང་རས་དེ་ཤིང་སྡོང་གཅིག་[ཞིག་]གི་རྩེ་ལ་ལིང་ངེ་འདུག་པ་དང་། ཐུགས་སྐྱོ་བའི་ཉམས་ཤར་བའི་ངང་ལ། ཕ་བོང་ལུག་རོ་ཙམ་ཞིག་གི་ཁར་མཉམ་པར་གཞག་[བཞག་]པའི་མཐར། ཤར་ཕྱོགས་གྲོ་བོ་ལུང་གི་ཕྱོགས་སུ་སྤྲིན་དཀར་པོ་ཞིག་[གཅིག་]ལིང་བྱུང་བས། སྤྲིན་ཕ་ཀིའི་[ཕ་གིའི་]འོག་ན་གྲོ་བོ་ལུང་གི་དགོན་པ་ཡོད། དེ་ན་[197]ངའི་བླ་མ་སྒྲ་བསྒྱུར་[སྒྲ་སྒྱུར་]མར་པ་ལོ་ཙྪ་[ལོ་ཙཱ་]དེ་བཞུགས་ཏེ་སྙམ་པ་དང་། བླ་མ་ཡབ་ཡུམ་མཆེད་གྲོགས་རྡོ་རྗེ་སྤུན་གྱི་འཁོར་དང་བཅས་པའི་དབུས་ན། རྒྱུད་ཀྱི་བཤད་པ་དབང་དང་གདམས་ངག་རྣམས། གནང་ཚུལ་དྲན་ནས། ད་ལྟ་བཞུགས་ན། ཅི་ལ་ཐུག་རུང་མཇལ་དུ་འགྲོ་བ་ཡིན་ཏེ་དགོངས་པ་དང་། སྔར་གྱི་སྐྱོ་ཤས་དེའི་ཁར། བླ་མ་དྲན་དྲགས་ཐུགས་སྐྱོ་བ་ལ་ཚད་ལས་འདས་པ་ཞིག་གི་ངང་ནས། སྤྱན་ཆབ་མང་པོ་བསིལ་ཞིང། ཐུགས་སྐྱོ་བའི་གདུང་དབྱངས་བླ་མ་དྲན་དྲུག་གི་མགུར་འདི་གསུངས་སོ། །

………..このテキストをダウンロードする